མཚོ་སྔོན་དང་སི་ཁྲོན་གྱི་བོད་རིགས་ས་ཁུལ་ཁག་ཏུ་༧གོང་ས་མཆོག་གི་སྐུ་པར་དང་།ཆབ་སྲིད་དང་འབྲེལ་བའི་གསར་འགྱུར་རིགས་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ།

2019-09-14
གློག་འཕྲིན།
མཆན།
Share
པར་བཀོད།
ནག་འཇོམས་ངན་སེལ་གྱི་དྲིལ་བསྒྲགས། ༢༠༡༩།༦
ནག་འཇོམས་ངན་སེལ་གྱི་དྲིལ་བསྒྲགས། ༢༠༡༩།༦
བོད་འབྱོར།

རྒྱ་ནག་གཞུང་གིས་སྤྱི་ལོ་༢༠༡༩དང་༢༠ནང་ནག་སེལ་ངན་འཇོམས་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་ཏེ་རྒྱལ་ཁབ་ལ་ངོ་ལོག་བརྒྱབ་ཀྱི་མེད་པ་དང་ཏང་གི་བཀའ་ཡང་དག་པ་བརྩི་སྲུང་བྱེད་ཀྱི་ཡོད་པ་སོགས་རྒྱ་ནག་གཞུང་ལ་ས་གནས་སོ་སོ་ནས་ལས་བསྡོམས་ཕུལ་དགོས་ཀྱི་ཡོད་སྟབས། བོད་ནང་གི་མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་ས་ཁུལ་ཁག་དང་སི་ཁྲོན་ཞིང་ཆེན་གྱི་བོད་རིགས་ས་ཁུལ་ཁག་བཅས་སུ་དམ བསྒྲགས་ཤུགས་ཆེ་དང་ཆབ་སྲིད་དང་འབྲེལ་བའི་གསར་འགྱུར་རིགས། ནང་གི་གནས་ཚུལ་ཕྱི་ལ་མི་ཤོར་བ་དང་ཕྱིའི་གནས་ཚུལ་ནང་དུ་མི་བསླེབ་ཆེད་ཚོད་འཛིན་བྱེད་བཞིན་པ་མ་ཟད། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ས་ཁུལ་ཛམ་ཐང་རྫོང་ལྟ་བུར། ༧རྒྱལ་བ་རིན་པོ་ཆེའི་སྐུ་པར་རིགས་གཏན་ནས་བཤམས་མི་ཆོག་པ་དང་། གལ་ཏེ་གནས་ཚུལ་ལྷག་ན་ཉེས་པ་ཚབ་ཆེན་ཡོད་ལུགས་ཡོངས་བསྒྲགས་བཟོས་ཡོད་ཁར་དོགས་ཡོད་ཁྱིམ་ཚང་ཁག་ཅིག་བསྔོག་བཤེར་གྱི་གནས་ཚུལ་ཀྱང་འཐོན་ཡོད་སྐོར་འབྲེལ་ཡོད་བོད་མི་ཞིག་གིས་སྤྱི་ཟླ་༩པའི་ཚེས་༡༤ཉི་མ་ངོ་སྤྲོད་གནང་གི་འདུག ཡང་མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་ས་ཁུལ་ཁག་ཏུ་བོད་ཡིག་དང་རྒྱ་ཡིག་གཉིས་ཀྱི་ལམ་ནས་ནག་སེལ་ངན་འཇོམས་ལས་འགུལ་ཁྱབ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་ཐོག་མི་མང་གིས་ཆབ་སྲིད་ཀྱི་སྐད་ཆ་འདྲ་མིན་བཤད་མི་ཆོག་ཅེས་གྲོང་ཚོ་རིམ་པའི་ནང་རྒྱ་ནག་གཞུང་གི་ལས་བྱེད་པ་ཚོ་བསྐོར་མྱུལ་གྱིས་སྒྲིག་གཞི་སྣ་ཚོགས་ཁྱབ་བསྒྲགས་བྱེད་པའི་ཁར་དྲ་ལམ་དུ་ཉེན་རྟོག་པ་དང་སོ་པ་མང་པོ་འཛུགས་པ་དང་། བོད་མིའི་སྤྱི་ཚོགས་སུ་རྒྱ་གཞུང་གི་མྱུལ་མ་གང་མང་བཀྲམས་ཡོད་པ་སོགས་ཀྱིས་བོད་མི་ཚོས་འཇིགས་སྣང་ཤུགས་ཆེ་བྱེད་བཞིན་པ་དང་། གཙོ་ཆེར་ཆབ་སྲིད་ཀྱི་ཕྱོགས་ནས་བོད་ནང་གི་གནས་ཚུལ་ཕྱི་ལ་སྤྲོད་པ་དང་། ཕྱིའི་གནས་ཚུལ་བོད་ནང་སྤེལ་བའི་རིགས་བྱུང་ན། ཧ་ཅང་ཉེས་པ་ཚབ་ཆེན་དུ་བརྩིས་བཞིན་པའི་ཐོག།  བཙན་བྱོལ་དུ་གནས་སྡོད་བོད་མི་ཞིག་གིས་འགྲེལ་བརྗོད་གནང་གི་འདུག རྒྱ་ནག་གཞུང་གིས་ནག་སེལ་ངན་འཇོམས་ཀྱི་ལས་འགུལ་ནི་རྐུན་མ་ཇག་པ་དང་། བརྒྱན་པོ་འགྱེད་པ། བཙན་གཡེམ་སོགས་ཁྲིམས་འགལ་གྱི་རིགས་གཙང་སེལ་གྱི་ལས་འགུལ་ཅིག་ལ་ཁ་གཡར་གྱི་ཡོད་ནའང་། དོན་གྱིས་སྲིད་དོན་དང་འབྲེལ་བའི་ཐོག་དྲག་གནོན་དང་ཚོད་འཛིན། གནས་ཚུལ་བཀག་སྡོམ་བྱེད་པ་སོགས་གཙོ་གནད་དུ་འཛིན་བཞིན་པར་གོང་གི་བོད་མི་དེ་གཉིས་ཀྱིས་གཅིག་མཚུངས་སུ་ངོ་སྤྲོད་གནང་གི་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།