རྒྱ་ནག་གི་རྒྱལ་སྟོན་ཉིན་མོ་ནི་བོད་མིར་མཚོན་ན་གྱོང་གུད་ཆེ་ཤོས་ཕོག་པའི་ཉིན་མོ་ཡིན།

2019-10-01
གློག་འཕྲིན།
མཆན།
Share
པར་བཀོད།
སྤྱི་ལོ་༡༩༥༩་ལོར་རྒྱ་ནག་གིས་བོད་ས་བཙན་བཟུང་སྐབས།
སྤྱི་ལོ་༡༩༥༩་ལོར་རྒྱ་ནག་གིས་བོད་ས་བཙན་བཟུང་སྐབས།
པར་རྙིང་། CIA

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ་༧༠་འཁོར་བའི་དུས་དྲན་ཉིན་མོ་ནི་བོད་མིར་མཚོན་ན་བོད་ཀྱི་ལོ་རྒྱུས་ནང་གྱོང་གུད་ཆེ་ཤོས་ཕོག་པའི་ཉིན་མོ་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱིས་བསྒྲགས་གཏམ་སྤེལ་འདུག
སྤྱི་ལོ་༢༠༡༩་ལོའི་སྤྱི་ཟླ་༡༠ པའི་སྤྱི་ཚེས་༡ ཉིན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ་༧༠་འཁོར་བའི་དུས་དྲན་ཞེས་སྲུང་བརྩི་བྱེད་བཞིན་ཡོད་པ་དང་བསྟུན། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་ཏེ་མགྲིན་ཚབ་པ་ཨར་ཡ་ཚེ་དབང་རྒྱལ་པོ་ལགས་ཀྱིས། རྒྱ་ནག་གཞུང་གིས་རྒྱལ་སྟོན་དུས་ཆེན་དང་བསྟུན། ཡིག་ཆ་ཁག་ཅིག་འགྲེམས་སྤེལ་བྱས་ཡོད་པའི་ནང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་དང་། ཆོས་དད་རང་དབང་དང་སྐད་ཡིག་སྲུང་སྐྱོབ་བྱས་ཡོད་ལུགས་འགྲེལ་བརྗོད་སྣ་ཚོགས་བྱས་ཡོད་ནའང་། དོན་དངོས་ཐོག་སྤྱི་ལོ་༡༩༥༩་ནས་བཟུང་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་གིས། བོད་མི་ས་ཡ་གཅིག་ལྷག་དམར་གསོད་དང་། དགོན་སྡེ་དྲུག་སྟོང་ལྷག་གཏོར་བཤིག་བཏང་བ་སོགས་ད་བར་བོད་ཀྱི་ཆོས་དང་། རིག་གཞུང་།  སྐད་ཡིག་སོགས་ལ་གཏོར་གཤིག་ཚད་མེད་བཏང་ཏེ་བོད་ཀྱི་ལོ་རྒྱུས་ནང་ལ་བོད་མི་ཚོར་ཁེ་ལས་གྱོང་གུན་ཆེ་བ་ཕོག་ཡོད་རེད་ཅེས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་ཡོད་པ་རེད།
ཡང་བོད་མིའི་སྒྲིག་འཛུགས་ཀྱིས་མགྲིན་ཚབ་པས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ད་བར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་བཀོད་པ་བཞིན། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་བཞིན་ཡོད་ནའང་། རྒྱ་ནག་གཞུང་གིས་དེ་ངོས་ལེན་མ་བྱས་པར། ང་ཚོར་ཁ་བྲལ་བྱེད་ཀྱི་འདུག་ཟེར་བ་ནི་བདེན་པ་མིན་ཞིང་། དོན་དངོས་ཐོག་རྒྱ་ནག་གཞུང་རང་ཉིད་ཀྱིས་ཁ་བྲལ་བྱེད་བཞིན་ཡོད་པ་ནན་བརྗོད་གནང་ཡོད་པ་རེད།
ཡང་རྒྱ་ནག་གཞུང་གི་དྲག་ནོན་འོག་དཀའ་སྡུག་དངོས་སུ་མྱོང་མཁན་ལྷ་ས་ནས་ཡིན་པའི་རྒན་རབས་བཀྲིས་དབང་མོ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་དང་། བོད་མིའི་གནས་སྟངས་སོགས་ཡར་རྒྱས་བཏང་ཡོད་ལུགས་རྒྱལ་སྤྱིའི་ནང་དྲིལ་བསྒྲགས་སྣ་ཚོགས་བྱེད་བཞིན་ཡོད་པ་བདེན་པ་མིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།