ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁེ་ན་ཊའི་གྲོས་ཚོཊ་འཐུས་མི་ཁག་ཅིག་དང་ཐུག་འཕྲད།

2020-02-06
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁེ་ན་ཊའི་གྲོས་ཚོཊ་འཐུས་མི་ཁག་ཅིག་དང་ཐུག་འཕྲད། ༢༠༢༠།༢།༥
ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁེ་ན་ཊའི་གྲོས་ཚོཊ་འཐུས་མི་ཁག་ཅིག་དང་ཐུག་འཕྲད། ༢༠༢༠།༢།༥
མཐུན་འགྱུར་པར་རིས། ཤེས་རབ་མཐར་ཕྱིན།

བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཁེ་ན་ཊའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་ཐུག་འཕྲད་ཀྱིས་བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གནང་འདུག
འདི་ཟླའི་ཚེས་ ༥ ་ཉིན། བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་ཁེ་ན་ཊའི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་(Canada Tibet Committee)་གི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་རྣམ་གཉིས་ཀྱིས་ཉིན་གྲངས་གཉིས་རིང་། ཁེ་ན་ཊའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Arif Virani)་ མཆོག་གི་གཙོས་ཁེ་ན་ཊའི་གྲོས་ཚོགས་འཐུས་མི་ ༢༥ ཙམ་དང་ཐུག་འཕྲད་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་གི་གནས་སྟངས་ཡར་རྒྱས་ཡོང་བར་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
དེ་བཞིན་ཁེ་ན་ཊའི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། འདི་ཚེས་༥་ཉིན། ཁེ་ན་ཊའི་རྒྱལ་ས་ཨོ་ཏྲ་ཝ་རུ་འབྱུང་འགྱུར་ལོ་ལྔའི་ཁེ་ན་ཊའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱུན་ལས་གསར་འདེམས་གནང་ཡོད་པ་དང་། སྐབས་དེར་གྲོས་ཚོགས་འཐུས་མི་སྐུ་ཞབས་(Arif Varani)་ལགས་ཚོགས་གཙོར་བསྐྱར་འདེམས་བྱུང་བ་དང་། དེ་མིན་དབུས་གྲོས་ཚོགས་དང་ས་གནས་སུ་བོད་དོན་ཐོག་རྒྱུན་དུ་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་(Garnet) སྐུ་ཞབས་(James Melony) སྐུ་ཞབས་(Randall Grison)་བཅས་མུ་མཐུད་དུ་རྒྱུན་ལས་ནང་འོས་འདེམས་བྱུང་ཡོད་པ་བརྗོད་བྱུང་།

མཆན། (0)
Share
དྲ་གནས་ཆ་ཚང༌།