རྒྱ་ནག་གཞུང་གིས་གསང་བའི་ངང་ས་མཚམས་སུ་དམག་དོན་རྨང་གཞིའི་འཛུགས་བསྐྲུན་རྒྱ་བསྐྱེད།

2020-11-20
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་བོད་ས་མཚམས་གྱི་དམག་མི།
རྒྱ་བོད་ས་མཚམས་གྱི་དམག་མི།
IE

རྒྱ་དཀར་ནག་གཉིས་བར་ས་མཚམས་ཀྱི་དཀའ་རྙོག་མ་སེལ་བར་ལྷག་ཡོད་པའི་སྐབས་རྒྱ་ནག་གིས་གསང་བའི་ངང་ས་མཚམས་སུ་དམག་དོན་རྨང་གཞིའི་འཛུགས་བསྐྲུན་རྒྱ་བསྐྱེད་བྱེད་བཞིན་འདུག
དེང་སང་ལ་དྭགས་ཤར་ཕྱོགས་ས་མཚམས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་བར་ས་མཚམས་ཀྱི་རྩོད་རྙོག་མ་སེལ་བར་དེ་མུར་ལྷག་ཡོད་པའི་སྐབས། རྒྱ་ནག་གཞུང་གིས་གསང་བའི་ཐོག་ནས་འབྲས་ལྗོངས་དང་རྒྱ་གར་བྱང་ཕྱོགས། ཤར་ཕྱོགས་ཀྱི་ས་མཚམས་ཁུལ་དུ་དམག་དོན་གྱི་རྨང་གཞིའི་འཛུགས་བསྐྲུན་ལས་གཞི་རྒྱ་བསྐྱེད་ཆེན་པོ་གཏོང་བཞིན་པ་དང་། དུས་མཚུངས་མི་མེད་གནམ་གྲུ་དང་བོད་ནང་གི་མཁའ་དམག་གི་ལྟེ་གནས་ཁག་ཀྱང་རྒྱ་བསྐྱེད་གཏོང་བཞིན་ཡོད་འདུག
རྒྱ་གར་གྱི་ཉིན་རེའི་གསར་ཤོག་(The Hindustan Times)ཡིས་གནས་ཚུལ་སྤེལ་དོན་ལྟར་ན། ལ་དྭགས་ཤར་ཕྱོགས་ས་མཚམས་ཁུལ་དུ་རྒྱ་ནག་གི་དམག་མི་འཕར་མ་འགྲེམས་འཇོག་བྱེད་བཞིན་པར་བརྟེན་ནས། ཉེ་དུས་ཁུལ་དེར་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་གདོང་ཐུག་བྱུང་བའི་རྩོད་རྙོག་དེ་མ་སེལ་བར་མུ་མཐུད་དུ་གནས་རྒྱུ་ཡིན་པ་མ་ཟད། ད་ཆ་རྒྱ་གར་གྱི་དམག་དཔོན་རྣམས་རྒྱ་ནག་གིས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ས་མཚམས་(Kaurik)ལ་ནས་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་མངའ་སྡེའི་(Fish Tail)དང་པོ་དང་། གཉིས་པ་བར་རྒྱ་མིའི་དམག་མི་འགྲེམས་འཇོག་སོགས་དམག་དོན་རྒྱ་བསྐྱེད་གཏོང་བཞིན་པར་ཐུགས་ཚབས་གནང་གི་ཡོད་ཅིང་། མཚན་འདོན་གནང་འདོད་མེད་པའི་རྒྱ་གར་གྱི་དམག་དཔོན་དང་རྒྱལ་ཡོངས་བདེ་འཇགས་སྲུང་སྐྱོབ་འཆར་བཀོད་པ་ཚོས་གསུངས་ན། ཟླ་བ་སྔོན་མའི་ནང་རྒྱ་ནག་གི་བཅིངས་གྲོལ་དམག་མི་ཧི་མ་ཅལ་མངའ་སྡེ་(Kaurik)ལའི་ཕར་ཕྱོགས་ལ་(Churup)ཟེར་བའི་གྲོང་གསེབ་གཅིག་གསར་རྒྱག་བྱེད་ཀྱི་ཡོད་པ་དང་། ཡང་(Uttarkhand)ཁུལ་གྱི་རྩོད་གཞི་ཅན་གྱི་(Tunjum)ལའི་ཉེ་འཁོར་ལ་རྒྱ་མིའི་དམག་མིས་ཁང་པའི་ཚད་གཞི་ཅན་གྱི་སྣོད་སྒམ་བཞག་སྐོར་ཡང་གསུངས་འདུག
དེ་བཞིན་དུ་འབྲས་ལྗོངས་ནང་གི་(Sebu)ལའི་བྱང་ཕྱོགས་དང་ས་མཚམས་ནས་རྒྱང་ཐག་སྤྱི་ལེ་༢༧ལས་མེད་པའི་(Changmu)ཟེར་བའི་ས་གནས་སུ་རྒྱ་ནག་གིས་ཏར་འཕྲིན་གྱི་བརྡ་རྟགས་འཕྲུལ་ཆས་འཛུགས་བཞིན་པ་དང་། (Yebi)ཞེས་པའི་ས་མཚམས་ཁུལ་ལ་རྒྱ་ནག་གི་དམག་མི་ཡང་བསྐྱར་འགྲེམས་འཇོག་བྱས་པ་མ་ཟད། (Bum La)འི་ཁུལ་ལ་ཡང་རྒྱ་ནག་གི་དམག་མིས་གསང་ཞིབ་མྱུལ་ལྟ་དང་གསང་བའི་ལས་དོན་ཇེ་མང་དུ་སྤེལ་བཞིན་ཡོད་པ་སོགས་ཀྱི་གནས་ཚུལ་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།