ཨོ་སུ་ཁྲི་ལེ་ཡའི་ནང་བོད་མི་ཚོས་གྲོས་ཚོཊ་འཐུས་མི་མང་པོར་མཇལ་ནས་ཞུ་གཏུག

2019-09-10
གློག་འཕྲིན།
མཆན།
Share
པར་བཀོད།
ཨོ་སུ་ཁྲི་ལེ་ཡའི་ནང་བོད་མི་ཚོས་གྲོས་ཚོཊ་འཐུས་མི་མང་པོར་མཇལ་ནས་ཞུ་གཏུག་སྐབས། ༢༠༡༩།༩།༡༠
ཨོ་སུ་ཁྲི་ལེ་ཡའི་ནང་བོད་མི་ཚོས་གྲོས་ཚོཊ་འཐུས་མི་མང་པོར་མཇལ་ནས་ཞུ་གཏུག་སྐབས། ༢༠༡༩།༩།༡༠
Australian Tibet Council

ཨོ་སུ་ཁྲི་ལེ་ཡའི་ནང་བོད་མི་ཚོས་གྲོས་ཚོཊ་འཐུས་མི་ལྔ་བཅུ་ཙམ་དང་མཇལ་ནས་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་གཞི་གཏན་འབེབས་ཡོང་བའི་ཞུ་གཏུག་བྱས་འདུག
ཨོ་སུ་ཁྲི་ལེ་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་(Australian Tibet Council)་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་མཉམ་འབྲེལ་སྒོ་ནས་འདི་ཚེས་༡༠་ཉིན་རྒྱལ་ས་(Canberra)་འི་ནང་གྲོས་ཚོགས་འཐུས་མི་༥༠་ཙམ་ལ་མཇལ་འཕྲད་གནང་སྟེ། རྒྱ་ནག་གི་དཔོན་རིགས་དང་མི་སེར་ཚོ་ཡུལ་དེའི་ནང་རང་དབང་སྒོ་ནས་ཡོང་ཆོག་པ་བཞིན་དུ་ཨོ་སུ་ཁྲི་ལེ་ཡའི་དཔོན་རིགས་དང་བོད་མི་གཙོས་པའི་མི་སེར་རྣམས་བོད་ནང་རང་དབང་སྒོ་ནས་འགྲོ་བསྐྱོད་ཆོག་པའི་འདྲ་མཉམ་གྱི་ཁྲིམས་གཞི་གཏན་འབེབས་དགོས་པའི་ཞུ་གཏུག་ལས་འགུལ་སྤེལ་འདུག
ལས་འགུལ་དེ་ནི་ཨོ་སུ་ཁྲི་ལེ་ཡའི་ནང་ཡོད་པའི་བོད་མི་རྣམས་ཀྱིས་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བ་ཐེངས་བརྒྱད་པ་དེ་ཡིན་པ་དང་། ཁོང་རྣམས་ཀྱིས་ཨོ་སུ་ཁྲི་ལེ་ཡའི་སྲིད་བློན་སྐུ་གཞོན་གཙོས་པའི་གྲོས་ཚོགས་འཐུས་མི་ཁྱོན་བསྡོམས་༥༠་ཙམ་ལ་མཇལ་འཕྲད་ཀྱིས་ཞུ་གཏུག་གནང་འདུག་ལ་ཞུ་གཏུགས་ཀྱི་ལས་འགུལ་དེ་ནི་གཙོ་བོ་ཨོ་སུ་ཁྲི་ལེ་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ཡུལ་དེའི་ནང་ཡོད་པའི་བོད་རིགས་སྤྱི་འཐུན་ཚོགས་པ་རྣམས་མཉམ་རུབ་སྒོ་ནས་སྤེལ་བ་ཞིག་དང་དེའི་ནང་མཉམ་ཞུགས་གནང་མཁན་རྣམས་ནི་གཙོ་བོ་བོད་པའི་གཞོན་སྐྱེས་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་ཡིན་པ་ཨོ་སུ་ཁྲི་ལེ་ཡའི་(Tibet་Council)་ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།
ཁོང་གིས་མུ་མཐུད་དུ་གསུངས་ན། སྐབས་དེར་གྲོས་ཚོགས་ཀྱི་འཐུས་མི་ཕལ་མོ་ཆེས་བོད་དོན་ཞུ་གཏུག་གི་ལས་འགུལ་མུ་མཐུད་ནས་སྤེལ་དགོས་པ་དང་། དེའི་རྒྱུ་མཚན་ནི་དེང་སྐབས་རྒྱ་ནག་གི་མཁྲེགས་འཛིན་སྲིད་ཇུས་ཁག་ལ་བརྟེན་ནས་ཨ་མི་རི་ཀ་གཙོས་པའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ཐོག་ལྟ་ཚུལ་ཡག་པོ་མེད་སྟབས། ཨོ་སུ་ཁྲི་ལེ་ཡའི་གྲོས་ཚོགས་ཀྱིས་བོད་དོན་ཐོག་ཁྲིམས་གཞི་གཏན་འབེབས་བྱ་རྒྱུ་གཙོས་པའི་བོད་དོན་རྒྱབ་སྐྱོར་ཐོབ་རྒྱུའི་ཁོར་ཡུག་བཟང་པོ་ཡོད་སྐོར་སོགས་གསུངས་བས་བོད་མི་ལས་འགུལ་བ་རྣམས་ལ་བློ་སྟོབས་ཀྱང་སྤེལ་གནང་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།