རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སློབ་སྟོན་རུ་ཁག་གི་ཚོགས་མིར་བསྐོ་བཞག

2020-04-04
གློག་འཕྲིན།
མཆན།
Share
པར་བཀོད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས།
ཨེ་ཨེཕ་པི།

རྒྱ་ནག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སློབ་སྟོན་རུ་ཁག་གི་ཚོགས་མིར་བསྐོ་བཞག་བྱུང་བར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་དེར་ངོ་རྒོལ་གནང་བཞིན་འདུག

དེ་ཡང་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཤུགས་རྐྱེན་ཆེ་བའི་ཚོགས་མིའི་ཁོངས་སུ་བསྐོ་བཞག་བྱས་ཡོད་པ་རེད། སློབ་སྟོན་རུ་ཁག་དེ་ནི་རྒྱལ་སྤྱིའི་སྨྲ་བརྗོད་རང་དབང་དང་། འཕྲོད་བསྟེན་ལས་དོན་བཀག་བསྐྱིལ་དང་། གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་སོགས་ཀྱི་ཐོག་ཞིབ་འཇུག་གནང་མཁན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་པ་འདེམས་སྒྲུག་གནང་མཁན་གྱི་ལས་དོན་རུ་ཁག་གལ་ཆེ་ཞིག་ཡིན་པ་རེད། ད་ལན་རྒྱ་ནག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སློབ་སྟོན་རུ་ཁག་གི་ཚོགས་མིར་བསྐོ་བཞག་བྱུང་བ་དེ་ནི་མེར་བསྲེགས་གཏོང་རྒྱུར་དགའ་བའི་སྨྱོན་པ་ཞིག་མེ་གསོད་རུ་ཁག་གི་གཙོ་འཛིན་དུ་བསྐོ་བཞག་བྱས་པ་ལྟ་བུ་རེད་ཞེས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་གཙོ་འཛིན་Hillel Neuer ཞུ་བས་གསུངས་བཞག དེ་བཞིན་ཁོང་གིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཀྲང་ བོ་ཅིང་དང་། ཝང་བིན་ཀྲང་གཉིས་ཀྱིས་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་མང་པོ་ཞིག་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་མ་ཟད། ཏོག་དབྱིབས་འགོས་ནད་ཐོག་མར་ཝུའུ་ཧན་གྲོང་ཁྱེར་ནས་ཐོན་རྗེས་རྒྱ་རིགས་ཁག་ཅིག་གིས་རྒྱ་ནག་གཞུང་གིས་ནད་དུག་དེ་འགོག་ཐབས་བྱེད་ཀྱི་མེད་པའི་གཏམ་བཤད་བྱས་པར་ཁོང་ཚོ་གར་སོང་ཆ་མེད་དུ་བཏང་བ་དང་། ཡུ་གུར་ཁ་ཆེའི་གྲངས་ཉུང་མི་རིགས་གཙོ་བོར་གྱུར་པའི་གྲངས་ཉུང་མི་རིགས་ས་ཡ་གཅིག་ལྷག་བཙན་དབང་གིས་བཀག་བསྐྱིལ་བྱས་ཡོད་སྟབས། རྒྱ་ནག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སློབ་སྟོན་རུ་ཁག་གི་ཚོགས་མིར་བསྐོ་བཞག་བྱས་པ་དེ་ནི་ཧ་ཅང་མི་འོས་པ་ཞིག་རེད་ཅེས་གསུངས་བཞག།

མཆན། (0)
Share
དྲ་གནས་ཆ་ཚང༌།