གྲོས་མཐུན་དོན་ཚན་ ༡༧ ཟེར་བར་ས་རྟགས་བཀོད་ནས་ལོ་ངོ་༦༩འཁོར་བ།

2020-05-23
གློག་འཕྲིན།
མཆན།
Share
པར་བཀོད།
གྲོས་མཐུན་དོན་ཚན་ ༡༧ ཟེར་བར་ས་རྟགས་བཀོད་སྐབས།
གྲོས་མཐུན་དོན་ཚན་ ༡༧ ཟེར་བར་ས་རྟགས་བཀོད་སྐབས།
ཌོཀ་ཨོན་ལཡན་ཊི་ཝི།

བོད་དོན་དཀའ་རྙོག་སེལ་ན་རྒྱ་གར་ལ་ཡང་གང་སྤྱིའི་ཐད་དགེ་མཚན་ཆེན་པོ་ཡོད་སྐོར་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨིཎ་རྡ་ར་ཧང་སུ་བྷ་ (Indra Hung Subba) མཆོག་ནས་གསུངས་གནང་སོང་།

དེ་རིང་ཕྱི་ཟླ་༥ཚེས་༢༣ཉིན་མོ་ནི། རྒྱ་ནག་དམར་པོའི་གཞུང་གིས་བོད་གཞུང་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ལ་བཙན་དབང་གི་ཐོག་ནས་གྲོས་མཐུན་དོན་ཚན་༡༧ཟེར་བར་ས་རྟགས་བཀོད་དུ་བཅུག་ནས་མི་ལོ་༦༩ཧྲིལ་པོ་འཁོར་བའི་དུས་དྲན་གྱི་ཉིན་མོ་དེ་རེད།

དུས་སྐབས་དེ་དང་བསྟུན། སྒང་ཏོག་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་དབུས་པའི་ཚོགས་མི་ཁག་གཅིག་འབྲས་ལྗོངས་མངའ་སྡེའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨིཎ་རྡ་ར་ཧང་སུ་བྷ་མཆོག་གིས་བཞུགས་གནས་སུ་ཆེ་བཅར་གྱི་ཁོང་ལ་ཕྱི་ལོ་༡༩༥༡ ལོར་རྒྱ་ནག་དམར་པའི་གཞུང་ནས་བཙན་དབང་འོག་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བར་མིང་རྟགས་བཀོད་ཚུལ་དང་། དེ་དང་འབྲེལ་བའི་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་པར་བསྐྲུན་ཞུས་པའི་སྙན་ཐོ་ཞིག་ཁོང་ལ་ཕུལ་ནས་མ་འོངས་པར་བོད་དོན་ཐོག་རྒྱབ་སྐྱོར་དང་རྒྱ་གར་གྱི་གྲོས་ཚོགས་ནང་བོད་དོན་གླེང་སློང་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད་པ་རེད།          སྐབས་དེར་སྐུ་ཞབས་(Indra Hung Subba )མཆོག་ནས་ང་ཚོ་དང་བོད་དབར་གནའ་སྔ་མོ་རྒྱལ་རབས་ལོ་རྒྱུས་ཐོག་ནས་འབྲེལ་བ་དམ་ཟབ་ཡོད་པ་དང་ང་ཚོའི་ཚོར་སྣང་ལ་ད་ལྟའི་བོད་ནང་གི་གནས་སྟངས་ཐོག་འཛམ་གླིང་སྤྱི་ཡོངས་ནས་ཛ་དྲག་ཐོག་གཟིགས་དགོས་པ་དང་ལྷག་པར་དུ་རྒྱ་དཀར་ནག་གཉིས་དབར་གྱི་ད་ལྟའི་ཆབ་སྲིད་གནས་སྟངས་ལ་བལྟས་པ་ཡིན་ན་རྒྱ་གར་རང་ཉིད་ཀྱི་ཁེ་ཕན་དང་དགེ་མཚན་ཆེད་དུ་བོད་དོན་དཀའ་རྙོག་དེ་ངེས་པར་དུ་སེལ་དགོས་པ་ཁོང་ནས་གསུངས་གནང་འདུག

ཕྱི་ལོ་༡༩༥༡ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་ནས་ངོ་ལོ་བརྒྱད་ལྷག་རིང་བོད་གཞུང་ནས་མཉམ་ལས་གནང་ཡོད་ནའང་།          རིམ་པས་གྲོས་མཐུན་གྱི་འབྲུ་དོན་རྣམས་ལ་རྒྱ་ནག་རང་ཉིད་ཀྱིས་རྡོག་རོལ་བཏང་སྟེ། ལོ་རྒྱུས་ལྡན་པའི་བོད་གཞུང་དང་བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཅས་བཙན་བྱོལ་དུ་ཕེབས་དགོས་གྱུར་ཡོད་པ་རེད།

བཙན་བྱོལ་ཕེབས་རྗེས་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲོས་མཐུན་དེ་རྒྱ་ནག་རང་གིས་རྩིས་མེད་རྡོག་རོལ་བཏང་བ་དང་། བཙན་དབང་གིས་བཞག་པ་ཞིག་ལ་སོང་། དེ་ལ་ནམ་ཡང་ཞལ་བཞེས་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་ཀྱང་གནང་ཡོད་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།