བལ་ཡུལ་དུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དང་མཆོད་འབྱོར་ས་གནས་འགོ་འཛིན།གཞན་བོད་མི་གསུམ་བཅས་ཁྱོན་མི་ལྔ་འོས་བསྡུ་དང་འབྲེལ་ནས་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག
བལ་ཡུལ་དང་འབྲུག་གི་ས་མཚམས་སུ་དཀའ་རྙོག་དེ་རྒྱ་གར་གྱིས་བཟོས་མེད་པ་རྒྱ་གར་གྱི་དམག་དཔོན་ཟུར་ཞིག་གིས་་བརྗོད་འདུག
རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་མི་སེར་ཚོས་ཆོས་ལུགས་ལས་དོན་སྤེལ་ཕྱོགས་ཐད་དམ་དྲག་བྱེད་རྒྱུའི་སྒྲིག་གཞི་ཞིག་ཟིན་བྲིས་སུ་བཏབ་ནས་འདོན་སྤེལ་བྱས་འདུག
ཨོསུ་ཀྲེ་ལི་ཡའི་ནང་གནས་བཞུགས་བོད་ཀྱི་གླུ་པ་གྲགས་ཅན་བསྟན་འཛིན་ཆོས་རྒྱལ་ལགས་ཀྱི་བར་དོ་ཞེས་པའི་གླུ་གཞས་འོད་སྡེར་དེ་(Grammy)ཞེས་སྙན་གྲགས་ཆེ་བའི་གཟེངས་རྟགས་ཀྱི་འོས་གཞིར་བདམས་འདུག
དེང་སང་འཛམ་གླིང་འདིར་ཁོང་ཁྲོ་དང་འཇིགས་སྣང་ཕྲག་དོག་སོགས་ཀྱིས་རྙོག་དྲ་ཧ་ཅང་མང་པོ་ཞིག་བཟོས་བསྡད་ཡོད་ཅེས་༧གོང་ས་མཆོག་གིས་བཀའ་སྩལ་སོང་།
ཧོང་ཀོང་ནང་རྒྱ་ནག་གིས་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བའི་འོག་དམངས་གཙོའི་ལས་འགུལ་བ་འཛིན་བཟུང་དང་ཉེས་འཛུགས་བྱེད་བཞིན་འདུག
ཡེ་ཤུའི་བླ་ཆེན་མཆོག་གིས་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་བ་རྣམས་སྡུག་སྦྱོང་མྱོང་བཞིན་པའི་མི་རིགས་ཞིག་ཡིན་པ་གསུང་འདུག
རྒྱ་གར་རྡ་རམ་སཱ་ལ་ཐེ་བའི་ཀང་ར་རྫོང་སོགས་ཧི་མ་ཅཱལ་མངའ་སྡེའི་རྫོང་ཁག་བཞིའི་ནང་ནད་ཡམས་ཁྱབ་གདལ་སྔོན་འགོག་ཆེད་མཚན་མོ་འགྲོ་བསྐྱོད་མི་ཆོག་པའི་ཁྲིམས་གཞི་སྡམ་ཡོད་འདུག