ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་དང་སྔོན་འགོག་བྱེད་སྟངས།

2020-01-31
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ལུགས་དང་ཕྱི་ལུགས་ལྟར་ནད་ཡམས་དེ་སྔོན་འགོག་དང་དུག་སེལ་བྱེད་སྟངས་། གལ་ཏེ་ནད་ཡམས་དེ་འགོས་པའི་དོགས་པ་བྱུང་ཚེ་ཅི་ཞིག་བྱེད་དགོས་སྐོར།
བོད་ལུགས་དང་ཕྱི་ལུགས་ལྟར་ནད་ཡམས་དེ་སྔོན་འགོག་དང་དུག་སེལ་བྱེད་སྟངས་། གལ་ཏེ་ནད་ཡམས་དེ་འགོས་པའི་དོགས་པ་བྱུང་ཚེ་ཅི་ཞིག་བྱེད་དགོས་སྐོར།
ཨེ་ཨེཕ་པི།

༄༅།།ཐེངས་འདིའི་གངས་ལྗོངས་གླེང་སྟེངས་ཀྱི་ལེ་ཚན་ནང་རྒྱ་ནག་ཥུ་པེ་ཞིང་ཆེན་ཝུ་ཧན་གྱི་ཏོག་དབྱིབས་ནད་དུག་དེའི་སྐོར་ཡིན། གཙོ་བོ་ནད་ཡམས་དེའི་འབྱུང་ཁུངས་དང་། ཁྱབ་གདལ་དུ་འགྲོ་སྟངས། ནད་རྟགས། བོད་ལུགས་དང་ཕྱི་ལུགས་ལྟར་ནད་ཡམས་དེ་སྔོན་འགོག་དང་དུག་སེལ་བྱེད་སྟངས་། གལ་ཏེ་ནད་ཡམས་དེ་འགོས་པའི་དོགས་པ་བྱུང་ཚེ་ཅི་ཞིག་བྱེད་དགོས་པ་སོགས་ཀྱི་སྐོར་འབྲེལ་ཡོད་ཆེད་མཁས་སྨན་པ་གཉིས་དང་མཉམ་དུ་བགྲོ་གླེང་བྱེད་རྒྱུ་ཡིན་ལ། ཞོར་ནས་ནད་ཡམས་དེ་བྱུང་རྗེས། རྒྱ་ནག་གཞུང་གིས་གནས་ཚུལ་སྦ་གསང་དང་གླེང་ཕྱོགས་ལ་བཀག་སྡོམ། དུས་ཐོག་ཏུ་གཙུགས་འཛིན་སྔོན་འགོག་མ་བྱས་པ།ལྷག་དོན་མི་ནས་མི་ལ་མི་འགོ་ལུགས་བསྒྲགས་པ་སོགས་ནོར་འཁྲུལ་ཅན་གྱི་བྱེད་སྟངས་ལས་དེ་རིང་གི་གནས་སྟངས་འདི་བྱུང་བ་ཡིན་མིན་སོགས་ཀྱི་ཐད་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བོད་ལུགས་སྨན་ཁང་གཉེར་བཞིན་པའི་བོད་ཀྱི་གསོ་རིག་དང་དངུལ་ཁབ་རིག་པ་ཆེད་ལས་པ་དཀོན་མཆོག་ཚེ་བརྟན་ལགས་དང་།ཨ་རིའི་ནིའུ་ཡོག་གྲོང་ཁྱེར་སློབ་ཆེན་ནས་སེམས་ཁམས་འཕྲོད་བསྟེན་དང་སྤྱི་ཚོགས་ཐུན་མོང་འཕྲོད་བསྟེན་ལ་སློབ་སྦྱོང་བྱས་ཤིང་།ད་ལྟ་ནིའུ་ཡོག་གསོ་བཅོས་འཆར་འགོད་ཁང་བྱིས་པའི་གསོ་བཅོས་འཆར་འགོད་པའི་བྱ་བ་གཉེར་བཞིན་པའི་སྒོ་དམར་སངས་རྒྱས་བཀྲ་ཤིས་ལགས་བཅས་ཀྱི་ལྷན་སྟག་ལྷ་རྒྱལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས༎

གསར་འགོད་པ་སྟག་ལྷ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།