སངས་རྒྱས་སྐྱབས་ལགས་ནས་གོམ་བགྲོད་ཀྱི་ལས་འགུལ་མཇུག་བསྒྲིལ།

2020-07-21
གློག་འཕྲིན།
མཆན།
Share
པར་བཀོད།
བོད་མི་ལས་འགུལ་བ་སངས་རྒྱས་སྐྱབས་ལགས།
བོད་མི་ལས་འགུལ་བ་སངས་རྒྱས་སྐྱབས་ལགས།
Photo: RFA

གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་དགུང་གྲངས་གྱ་ལྔར་ཕེབས་པའི་༧སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན།  བཀའ་དྲིན་རྗེས་དྲན་ཞུ་བའི་དམིགས་བསལ་དུས་ཚིགས་ལ་ཁེ་ན་ཌ་ཊོ་རོན་ཊོ་གྲོང་ཁྱེར་རྒྱ་ནག་གཞུང་ཚབ་མདུན་༧སྐུའི་བླ་གཟའ་རེས་གཟའ་ལྷག་པ་ནམ་ཡིན་ལ་རྔམ་སྟོན་ལས་འགུལ་གནང་མཁན་སངས་རྒྱས་སྐྱབས་ལགས་ཀྱིས་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་ནས་རྒྱལ་ས་ཨོ་ཊ་ཝ་བར་དང་ཕྱིར་ཊོ་རོན་ཊོ་བར་ཞི་བའི་གོམ་བགྲོད་གནང་སྟེ་ཕྱི་ཟླ་ ༧ ཚེས་ ༢༠ ཉིན་ལས་འགུལ་དེ་རྒྱ་ནག་གཞུང་ཚབ་མདུན་རེ་ཞིག་མཇུག་སྒྲིལ་གནང་ཡོད་ཅིང་།  ལམ་བར་དུ་གྲོང་ཁྱེར་སྤྱི་ཁྱབ་པ་དང་ཕྱི་རྒྱལ་མི་རིགས་མང་པོས་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་མཁན་མང་པོ་བྱུང་ཡོད་པ་རེད། གཤམ་ལ་བོད་དོན་ལས་འགུལ་དང་འབྲེལ་བའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་སངས་རྒྱས་སྐྱབས་ལགས་དང་ལྷན་གླེང་མོལ་ཞུས་པར་གསན་རོགས་ཞུ།

མཆན། (0)
Share
དྲ་གནས་ཆ་ཚང༌།