གསར་འགོད་པའི་ས་མིག་གསལ་བསྒྲགས།

2019-10-09
གློག་འཕྲིན།
མཆན།
Share
པར་བཀོད།
གསར་འགོད་པའི་ས་མིག་གསལ་བསྒྲགས།
གསར་འགོད་པའི་ས་མིག་གསལ་བསྒྲགས།
Photo: RFA

བོད་སྐད་གསར་འགོད་པའི་དགོས་ངེས་ཆ་རྐྱེན།

༡༽      བོད་སྐད་དང་བོད་ཡིག་གི་ཤེས་ཚད་མཐོ་སློབ་ཐོན་པའམ་ཡང་ན་དེ་དང་མཉམ་པའི་བོད་སྐད་བོད་  ཡིག་གི་ཤེས་ཚད་ཡོད་པ།

༢༽     དབྱིན་ཡིག་ཐོག་གནས་ཡུལ་རྒྱལ་ཁབ་ཀྱི་སྐད་ཡིག་རང་རྐྱ་འཕེར་ངེས་ཡོད་པའི་ཐོག་རྒྱ་ཡིག་སོགས་སྐད་ཡིག་གཞན་གྱི་ཤེས་ཚད་ཡོད་ཚེ་དམིགས་བསལ་ཆ་རྐྱེན་དུ་ངོས་འཛིན་བྱ་རྒྱུ།

༣༽     བོད་ནང་གི་གནས་ཚུལ་མཁོ་སྒྲུབ་ཐུབ་པ།

༤༽     བོད་ཕྱི་ནང་དང་། རྒྱ་གར་དང་། བལ་ཡུལ། ཨའོསི་ཊརེ་ལི་ཡ། ཡོ་རོབ་བཅས་ཀྱི་ནང་བོད་དོན་དང་འབྲེལ་བའི་གནད་དོན་དང་། དེ་བཞིན་རྒྱ་ནག་དང་། རྒྱ་གར། ཨའོསི་ཊརེ་ལི་ཡ། ཡོ་རོབ་དང་བལ་ཡུལ་བར་གྱི་འབྲེལ་བ།  རྒྱལ་སྤྱི་དང་རྒྱ་ནག་དབར་གྱི་འབྲེལ་བའི་གནས་བབས་སོགས་ཀྱི་ཤེས་ཚད་གང་ལེགས་ཡོད་པ།

༥༽     དྲང་བདེན་དང༌། ཕྱོགས་ལྷུང་མེད་པར་ཁྱོན་ཡོངས་ཀྱི་གནས་ཚུལ་མཁོ་སྒྲུབ་བྱེད་ཐུབ་པ།

༦༽     སྲིད་གཞུང་དང་། ཆབ་སྲིད་ཀྱི་ཚོགས་པ། ཆོས་ལུགས་སྡེ་ཁག་གང་རུང་གི་ཤུགས་རྐྱེན་འོག་

མ་སོང་བར་རང་ཉིད་གསར་འགོད་པའི་ངོ་བོར་དྲང་ཚུགས་འཕེར་བའི་ཐོག་གནས་ཐུབ་པ།

༧༽     གནས་ཡུལ་རྒྱལ་ཁབ་ནང་གི་གསར་འགོད་པའི་སྒྲིག་གཞི་ཤེས་རྟོགས་ཡོང་བར་འབད་བརྩོན་ཐུབ་པ།

༨༽     བརྙན་འཕྲིན་དང་། རླུང་འཕྲིན་གཉིས་ཀའི་ཐོག་གནས་ཚུལ་འབྲི་བཀོད་དང་། བཅར་འདྲི།  དེ་བཞིན་བརྙན་འཕྲིན་ཕྱོགས་བསྒྲིགས། (Video) སོགས་བྱེད་ཐུབ་པ། ༼གསར་འགོད་པའི་ལས་ཀར་བདམས་ཐོན་ཟིན་རྗེས་སྒྲ་དང་བརྙན་པར་ཕྱོགས་བསྒྲིགས་ཀྱི་སྦྱོང་བརྡར་སྤྲོད་རྒྱུ།༽

༩༽      གསར་འགོད་ལས་རིགས་ལ་བྱང་ཆ་ཡོད་པའམ།  གསར་འགོད་ལས་རིགས་ཐོག་སློབ་སྦྱོང་གི་ལག་     འཁྱེར་ཡོད་ན་དམིགས་བསལ་ཆ་རྐྱེན་ལ་ངོས་འཛིན་བྱེད་རྒྱུ།

ལས་འགན།

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་ལས་ཁུངས་ཨ་མ་དང་།  རྡ་རམ་ས་ལའི་ལས་ཁུངས་ནས་བཀོད་མངགས་འོག་གཙོ་བོ་བོད་ནང་དང་དེ་བཞིན་གསར་འགོད་པ་གནས་ཡུལ་རྒྱལ་ཁབ་ཁག་ནང་བྱུང་བའི་བོད་དོན་དང་རྒྱ་ནག། འགྲོ་བ་མིའི་ཐོབ་ཐང་། རྒྱ་ནག་དང་ཡུལ་གྲུ་དེ་དག་དབར་བྱུང་བའི་གནས་ཚུལ་མཁོ་སྒྲུབ་ཀྱིས་དུས་ཐོག་གཏོང་ཐུབ་པ་བྱ་རྒྱུ། (གསར་འགོད་ལས་རིགས་ཐད་གསར་འགོད་པ་སོ་སོར་སྦྱོང་བརྡར་སྤྲོད་རྒྱུ)

གཞུང་དང་སྒྲིག་འཛུགས་ཁག་གིས་སྤེལ་བའི་དྲིལ་བསྒྲགས་ལ་སོགས་པ་ཁོ་ནའི་གནས་ཚུལ་མཁོ་སྒྲུབ་བྱས་པ་མིན་པར། སོ་སོ་རང་གིས་གནས་ཚུལ་སྣ་ཚོགས་མཁོ་སྒྲུབ་ཐུབ་པ་དགོས་པ།

ལས་ཡུན།

ལོ་གཅིག་རིང་གི་གན་རྒྱ་དང་ལོ་ལྟར་གན་རྒྱ་གསར་བཟོ་བྱེད་རྒྱུ་ཡིན།

རྒྱ་སྐད་གསར་འགོད་པའི་ས་མིག་གསལ་བསྒྲགས།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་རྡ་རམ་ས་ལར་རྒྱ་སྐད་གསར་འགོད་པ་ཞིག་དགོས་པའི་ས་མིག་ཡོད་ལ།   དོ་བདག་གིས་རྒྱ་སྐད་རྒྱ་ཡིག་གི་ཤེས་ཚད་མཐོ་སློབ་ཐོན་པའམ་ཡང་ན་མཐོ་སློབ་ཀྱི་ཤེས་ཚད་ཡོད་པ། བོད་དང་རྒྱ་ནག་གི་གནད་དོན་ཐད་དབྱེ་ཞིབ་ཐུབ་པ། ཁུངས་ལྡན་གནས་ཚུལ་མཁོ་སྒྲུབ་བྱེད་ཐུབ་པ་དགོས།

གསར་འགོད་པའི་དགོས་ངེས་ཆ་རྐྱེནདང་།  ལས་འགན། ལས་ཡུན་སོགས་བོད་སྐད་གསར་འགོད་པ་དང་གཅིག་མཚུངས་ཡིན། རྒྱ་སྐད་ཀྱི་གསར་འགོད་པ་བྱེད་འདོད་ཡོད་པ་རྣམས་ནས་གཤམ་གསལ་གློག་འཕྲིན་ཁ་བྱང་ཐོག་རང་གི་ལོ་རྒྱུས་སོགས་རྒྱ་ཡིག་ནང་ཐད་གཏོང་དགོས་པ་ཡིན།  tson@rfa.org

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་གསར་འགོད་པའི་ལས་ཀར་ཞུགས་འདོད་ཡོད་ཚེ་གཤམ་གསལ་ཁ་བྱང་ཐོག་སློབ་ཐོན་ལག་ཁྱེར་དང་། དོ་བདག་གི་ལོ་རྒྱུས། གསར་འགོད་པའི་ལས་ཀ་བྱེད་འདོད་ཡོད་པའི་རྒྱུ་མཚན་དང་། དམིགས་ཡུལ་སོགས་འཁོད་པའི་ཁ་ཤོག་སྙན་ཞུ་བཅས་ཕྱི་ལོ་ ༢༠༡༩  ཕྱི་ཟླ ༡༠  ཚེས  ༣༡ ནང་ཚུད་གློག་འཕྲིན་ཁ་བྱང། chhonzomd@rfa.org བརྒྱུད་ནས་ངེས་འབུལ་དགོས་པ་དགོངས་འཇགས་ཞུ།

མཆན། (0)
Share
དྲ་གནས་ཆ་ཚང༌།