ཁྱེད་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གནས་འཕྲིན་དྲ་བའི་ཐོག་ཕེབས་སྐབས་ཁྱེད་ཀྱི་སྒེར་གྱི་གནས་ཚུལ་ཁག་ལ་བཏང་འཛིན་བྱེད་སྟངས་ཐོག་གཟིགས་རོགས
ཕྱི་ལོ་ ༢༠༠༥་ ཟླ་བ་ ༩ ཚེས་ ༢༦ ནས་བཟུང་ང་ཚོའི་གནས་འཕྲིན་དྲ་བའི་གནས་ཚུལ་དང་རྒྱུ་ཆ་ཀློག་སྟངས་དང་ གཟིགས་སྟངས་ ཕབ་ལེན་བྱེད་སྟངས།
ཁྱེད་ཀྱིས་ང་ཚོའི་དྲ་ངོས་ཐོག་ཕེབས་སྐབས་རང་ངོས་ནས་སྒེར་གྱི་གནས་ཚུལ་སྤེལ་བ་མ་གཏོགས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཁྱེད་ཀྱི་གློག་འཕྲིན་ཁང་བྱང་ངམ་ ཡང་ན་ཁྱེད་ཀྱི་མིང་དང་ཁ་བྱང་སོགས་ཉར་ཚགས་བྱེད་ཀྱི་མེད།
ཁྱེད་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་ངོས་ཐོག་ཕེབས་སྐབས་ང་ཚོའི་རྩིས་འཁོར་གྱིས་རང་འགུལ་ཐོག་གཤམ་གསལ་གནས་ཚུལ་ཁག་ཉར་ཚགས་བྱེད་ཀྱི་ཡོད་རེད།
༡༽ ཁྱེད་ཀྱི་རྩིས་འཁོར་གྱི་ཨཡི་པི་ཨང་གྲངས།
༢༽ རྩིས་འཁོར་དང་དྲ་བའི་ཡོ་ཆས་གང་གི་བརྒྱུད་ཁྱེད་ནས་ང་ཚོའི་དྲ་ངོས་གཟིགས་པ།
༣༽ དྲ་ངོས་ཐོག་ཕེབས་པའི་ཚེས་གྲངས་དང་དུས་ཚོད།
༤༽ གལ་ཏེ་དྲ་ངོས་གཞན་ཞིག་གི་བརྒྱུད་ང་ཚོའི་དྲ་ངོས་གཟིགས་ཡོད་མེད།
༥༽ ཁྱེད་དྲ་ངོས་གཟིགས་བར་ཕེབས་པ་དེ་ཐོག་མ་དེ་ཡིན་པའམ་བསྐྱར་དུ་ཕེབས་ཡིན་མིན།
༦༽ ཁྱེད་ནས་ང་ཚོའི་གནས་ཚུལ་གང་གཟིགས་པའམ་ཕབ་ལེན་བྱས་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གནས་འཕྲིན་དྲ་བའི་གླེང་སྟེགས་ཐོག་མཉམ་ཞུགས་བྱེད་ཚེ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གོང་དུ་འཁོད་པའི་གནས་ཚུལ་རྣམས་ཉར་ཚགས་བྱེད་ཀྱི་ཡོད། གལ་ཏེ་ཁྱེད་ཀྱིས་སྒེར་གྱི་གནས་ཚུལ་སྤེལ་ཚེ་དེ་དག་ཐམས་ཅད་སྤྱི་སྤྱོད་གནས་ཚུལ་དུ་འགྱུར་རྒྱུ་ཡིན་པས་ང་ཚོའི་ནང་དོན་སྤྱོད་ཕྱོགས་ཀྱི་གནས་ཚུལ་ལ་གཟིགས་རོགས།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གནས་འཕྲིན་དྲ་བའི་གླེང་སྟེགས་ཐོག་མཉམ་ཞུགས་གནང་བའི་ཆེད་ཆུང་མཐར་རང་ལོ་ ༡༣ ལས་ཆེ་བ་ངེས་པར་དུ་ཡིན་དགོས། གལ་ཏེ་ལོ་ ༡༣ ལས་ཆུང་བ་ཡིན་ཚེ་རང་གི་སྒེར་གྱི་གནས་ཚུལ་དྲ་བའི་ཐོག་མ་སྤེལ་རོགས། ང་ཚོའི་གླེང་སྟེགས་ཀྱི་གནས་ཚུལ་གཟིགས་པའི་ཆེད་རང་ལོ་ ༡༣ ནས་ ༡༨ ཡིན་པའི་བྱིས་པ་རྣམས་རང་གི་ཕ་མ་འམ་ལྟ་སྐྱོང་བྱེད་མཁན་གྱི་མདུན་ནས་ཆོག་མཆན་ཞུ་དགོས།།